ཆར་རྗེས་ཀྱི་འཇའ་ཚོན།

ཆར་རྗེས་ཀྱི་འཇའ་ཚོན།

རྩོམ་པ་པོ་ངོ་སྤྲོད་མདོར་བསྟུས།

༄༅༎ གུས་པ་ནི་གནའ་གྲོང་ས་སྐྱ་ནས་འགྲིམ་པས་ཟླ་བ་ཚེ་བརྟན་ཡིན། མཐོ་འབྲིང་ལོ་གསུམ་ནང་བླ་ན་མེད་པའི་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་དང་ རང་ཉིད་དཀའ་བཅད་ཀྱི་ཆར་རླུང་དྲག་པོའི་འོག་གཞི་རྩེ་མཐོ་འབྲིང་གསུམ་པ་ནས་སློབ་ཐར་ཕྱིན་ཏེ་ བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་རྒྱུགས་ལོན། བྱིས་དུས་ནས་བོད་སྐད་ཡིག་གི་རྩོམ་ཡིག་འབྲི་བར་དགའ་བས་ངང་པ་པད་མཚོར་བྱུག་པ་བཞིན་འགོག་མེད་གྱི་འཁྱེར་གསོ་གཞན་ཞིག་འཆིས་ ད་ཐེངས་རྒྱང་རིང་གི་ཁྱེད་ལ་འཕྲིན་འདི་སྤྲིངས་པར་དགའ་བས་མོས་།།།


ཆར་རྗེས་ཀྱི་འཇའ་ཚོན་

དགའ་མ་ལགས་།། ཁྱེད་བདེ་མོ་ཡིན་ནམ་།། དོ་ནུབ་ཀྱི་ཟླ་འོད་ནི་སྒོར་ཞིང་དཀར་ལ་།། མཛེས་ལྡན་ཀུ་མུད་ཡང་སྔར་བཞིན་ཞལ་ཁ་ཕྱེ་འདུག་།། འོན་ཀྱང་།། ཡིད་སྐྱོ་དགོས་པ་ནི་།། ཁེར་ཀྱང་དུ་ལུས་པའི་ཟླ་དཀར་འོག་གི་གྲིབ་གཟུགས་འདི་ལགས་།། ཁོ་བོས་ སྔར་བཞིན་ ཁེར་རྐྱང་ངང་།། རྒྱང་རིང་ལ་མིག་མདའ་རེ་འཕངས་ཞིང་མ་འོངས་པར་རེ་སྒུག་བྱེད་བཞིན་ཡོད་།། དོ་ནུབ་ཀྱི་མཚན་ལྗོངས་ནི་ཅི་འདྲའི་འོད་ཚེར་ཞིང་ཅི་འདྲའི་མཛེས་སྟུག་པ་ལ་།། ཡིན་ན་ཡང་།། འདི་གར་སྤྲོ་འཆམ་ལ་འོས་པ་ནི་ཁེར་རྐྱང་གི་ཁོ་བོ་ལས་མ་མཆིས་།། མིག་ཡུག་ཙམ་ཞིག་ལ།། མཁའ་དབྱིངས་གི་སྒྱུ་སྐར་སྤུན་བདུན་ཤར་རིའི་རྩེ་ནས་བཞུས་སོང་ལ་།། འ་འུར་ཟང་ཟིང་གིས་ཁེངས་པའི་གྲོང་ཁྱེར་འདི་ཡང་ཞི་འཇམ་དུ་འགྱུར་སོང་།། འོན་ཀྱང་ ཁོ་བོས་།། ཁུ་ཚོས་ཀྱི་ཆུ་ཐིག་དང་ལྷན་གཅིག་།། སྔར་བཞིན་་རྒྱང་རིང་ལ་མིག་མདའ་རེ་འཕངས་ཞིང་སྔར་སོང་གི་གཏམ་རྒྱུད་ཐུང་ངུ་ཞིག་ལ་རྗེས་དྲན་བྱེད་བཞིན་ཡོད་།། མི་རིང་བའི་སྔོན་དུ་།། ཤེས་རིག་གི་རྦ་རླབས་ལང་ལོང་དུ་འཕྱུར་བའི་སྐྱེད་མོས་ཚལ་དེ་ན་ངེས་གཉིས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་བརྩེ་བའི་ལག་ཟུང་འབྲེལ་ནས་མ་འོངས་པའི་འཚོ་བར་རེ་འདོད་བྱས་བཞིན་ཡོད་།། ལྷགས་རླུང་དང་དྲག་ཆར་ཇི་ལྟར་ལྡང་ཀྱང་།། བདག་གི་དྲན་པའི་མེ་ལོང་ངོས་སུ་བཀོད་པའི་གཏམ་རྒྱུད་འདི་དུས་ནམ་ཡང་བསུབ་ཐབས་བྲལ།།

图片[1]-ཆར་རྗེས་ཀྱི་འཇའ་ཚོན།-亚拉索

དགའ་མ་ལགས་

ཁྱེད་ཀྱི་དྲན་བསམ་།།

ལྷད་མེད་བདུས་བརྩིའི་འོ་འབྱོར་།། འགྱུར་མེད་སྙིང་གི་བརྩེ་དུང་།། མི་བྲལ་དམ་བཅའི་ལག་འབྲེལ་།། དོ་ནུབ་།། ཚོར་མེད་ཀྱི་དྲན་གསོས་།། དེ་དག་ཐམས་བཅད་ཆར་རྗེས་ཀྱི་འཇའ་ཚོན་ཡིན་པ་ཁོ་བོས་ག་ལེར་ཤེས་བྱུང་།། དགའ་མ་ལགས་།། ཁྱེད་ཀྱི་ཤེས་སམ་།། སྐྱི་གཡའ་བའི་མཚན་མོ་འདིར་།། ང་ལ་དབང་བ་ནི་།། འདས་ཟིན་པའི་གཏམ་རྒྱུད་དང་ ཁེར་ཀྱང་གི་གདུང་བ་ལས་མ་མཆིས་།།།།།།་་་་་

© 版权声明
THE END
喜欢就支持一下吧
点赞8赞赏 分享
评论 共1条
头像
欢迎您留下宝贵的见解!
提交
头像

昵称

取消
昵称表情图片

    暂无评论内容