藏文版入党申请书 ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག

图片[1]-藏文版入党申请书  ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག-亚拉索

ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག

གུས་པར་འོས་པའི་གྲོང་ཚོའི་ཏང་ཀྲི་པུའུ་མཆོག་ལ།
གུས་པའི་མིང་ལ་      ཟེར་བ་དང་། ད་ལོ་རང་ལོ་     སླེབས་ཡོད། གུས་པ་ནི་    གྲོང་ཚོའི་གྲོང་མི་ཞིག་ཡིན། ང་རང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུའི་འདུན་པ་ལྷག་པར་ཆེ་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཆེད་དུ་མི་ཚེ་ཧྲིལ་པོ་ལེགས་སྐྱེས་འབུལ་འདོད་ཀྱང་ཆེ། རང་རའི་ཏང་ནི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་དང་མི་དམངས་ཀྱི་ཁེ་ཕན་གི་འཐུས་ཚབས་པ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དབུ་ཁྲིད་སྲོག་ཤིང་ཞིག་རེད། ལོ་རྒྱུས་ཀྱི་དུས་འབབ་གསར་པའི་འོག གུང་ཁྲན་ཏང་ཡོན་གྱིས་དུས་རབས་ཀྱི་རེ་བ་དང་མཐུན་པའི་རྒྱང་རིང་གི་ཕུགས་བསམ་གཏོད་ཕྱིར་ཏང་དང་རྒྱལ་ཁབ་ཀྱི་ཉེ་དུས་ཀྱི་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་ཐད་མིག་དཔེའི་ནུས་པ་འདོན་སྤེལ་དང་། བློ་སྟོབས་ཆེན་པོས་གསར་གཏོད་དང་། ཧུར་བརྩོན་ཆེན་པོས་ཡར་བསྐྱེད། དཀའ་ངལ་ལ་མི་སྐྲག་པ། ལྷག་བསམ་རྣམ་དག་གིས་རྒྱ་ཆེའི་མི་དམངས་ཀྱི་ཁེ་ཕན་ཆེད་དུ་དཀའ་བ་སྔོན་ལ་སྤྱོད་པ་དང་སྐྱིད་པོ་རྗེས་ལ་གཏོང་བ། སྒེར་སེམས་རིང་དུ་དོར་ནས་ལེགས་སྐྱེས་འབུལ་བ། ཧུར་བརྩོན་ཆེན་པོས་མར་ཁེ་སེ་ལེ་ཉིན་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་དང་། དཀར་ནག་ཤན་འབྱེད་ཀྱི་འཇོན་ནུས་གོང་མཐོར་གཏོང་བ། ཛ་དྲག་ཆེ་བའི་དུས་སུ་ཞུམ་པ་མེད་པར་གདོང་མཆོང་བྱེད་པ་དང་། མི་དམངས་དང་རྒྱལ་ཁབ་ལ་ཉེན་ཁ་འཕྲད་དུས་བློ་ཐག་ཆོད་པོས་འཐབ་རྩོད་བྱེད་པར་འབད་རྒྱུ་ཡིན།ང་རང་ཏང་ནང་ཞུགས་རྒྱུའི་འདུན་པ་སྔར་ནས་ཡོད་ལ། སེམས་ནང་ཏང་ནང་ཞུགས་ན་གཟི་བརྗིད་ལྡན་པ་ཞིག་ཡིན་པ་སྔར་ནས་ཤེས། རྒྱུ་མཚན་ནི་རང་ཉིད་ནས་ཆུང་དུས་སུ་རང་རེའི་ཏང་གི་སྔོན་གཤེགས་དཔའ་བོའི་གློག་བརྙན་དང་། ཁོང་ཚོའི་མཛད་རྗེས་ལ་སློབ་སྦྱོང་བྱེད་མྱོང་བས་སེམས་ནང་བརྗེད་ཐབས་མེད་པའི་བག་ཆགས་བརྟན་པོ་ཞིག་བཞག་ཡོད། ལོ་ན་རིམ་བཞིན་མཐོ་རུ་འགྲོ་བ་དང་བསྟུན་ནས་རང་ཉིད་ཀྱི་བསམ་བློའི་འདུ་ཤེས་ཀྱང་གཏིང་ཇེ་ཟབ་ཏུ་གྱུར་པས། ཏང་ནང་ཞུགས་རྒྱུའི་འདུན་པའང་སྐོམ་པར་ཆུ་འདོད་དང་ལྟོགས་པར་ཟ་འདོད་ལྟ་བུར་གྱུར། དེར་བརྟེན་རང་ཉིད་ནས་རང་ཉིད་ལ་དུས་རྒྱུན་དུ་རེ་བ་ནན་པོ་འདོན་པ་དང་། སློབ་སྦྱོང་ལ་ཤུགས་སྣོན་རྒྱབ་ནས། མར་ལེའི་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞོའི་ཕིན་གི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱལ་གྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ། རང་འགུལ་གྱིས་ཏང་གི་རྩ་འཛུགས་དང་ཉེ་བར་བཅར་ནས། ང་རང་ཞིང་(འབྲོག)པའི་གཞོན་ནུ་ཞིག་གི་ངོས་ནས། ཧུར་བརྩོན་ཆེན་པོས་རང་ནུས་ཡོད་རྒུས་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས་རྒྱ་ཆེར་བཏང་ནས། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ཕྱིར་རང་ནུས་ཡོད་རྒུ་ལེགས་སྐྱེས་འབུལ་རྒྱུ་ཡིན། གལ་ཏེ་རང་ཉིད་གུང་ཁྲན་ཏང་མི་ཞིག་ཆགས་ན། དེ་ནི་ངའི་གཟི་བརྗིད་ཆེ་ཤོས་དེ་ཡིན་པས། ངའི་སེམས་དབུས་སུ་ཏང་གི་སྒྲིག་ཡིག་དང་འོས་འགན་ཁག་རྡོ་ལ་རི་མོ་བརྐོས་པ་ལྟར་བརྟན་པོར་ངེས་པ་དང་། ཏང་གི་སྒྲིག་སྲོལ་ཁག་ལ་བརྩི་སྲུང་ནན་པོ་དང་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱས་ནས། ཏང་གི་གསང་དོན་ཕྱིར་མི་གྱར་བ། ཏང་གི་འོས་འགན་ཁག་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས། ཕུལ་བྱུང་གི་ཏང་ཡོན་ཞིག་ཆགས་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན། གལ་སྲིད་རང་ཉིད་ད་དུང་ཏང་ནང་ཞུགས་རྒྱུའི་ཆ་རྐྱེན་གནས་སྐབས་ཚང་མེད་ན། སེམས་ཤུགས་མ་ཉམས་པར་སྔར་ལས་ལྷག་པའི་འབད་བརྩོན་བྱས་ནས། ནོར་འཁྲུལ་ཡོ་བསྲང་དང་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱར་འབད་བརྩོན་བྱས་ནས་ཚད་ལྡན་གྱི་ཏང་ཡོན་ཞིག་ཆགས་པ་བྱ་རྒྱུ་ཡིན།གོང་ཞུས་ཀྱི་ཏང་ནང་ཞུགས་རྒྱུའི་རེ་འདུན་འདི་དངོས་དོན་ཡིན་པས། རྩ་འཛུགས་ནས་དགོངས་པ་གང་ལེགས་བཞེས་ནས་ཏང་ནང་ཞུགས་རྒྱུའི་མོས་མཐུན་ཡོད་པ་མཁྱེན་མཁྱེན།།

                                                               རེ་འདུན་ཞུ་མཁན།  

                                                         ལོའི་ཟླ་    ཚེས་   ཉིན

文案来源:察隅编译

© 版权声明
THE END
喜欢就支持一下吧
点赞9赞赏 分享
评论 抢沙发
头像
欢迎您留下宝贵的见解!
提交
头像

昵称

取消
昵称表情图片

    暂无评论内容