ཡི་གེའི་པར་གཞི།(文字版)
དངུལ་བུན་གཡར་བའི་གན་རྒྱ།
ཀ་པ།(དངུལ་བུན་གཏོང་མཁན)
ཐོབ་ཐང་ལག་འཁྱེར་ཨང་གྲངས།
ཁ་པ།(དངུལ་བུན་ལེན་མཁན)
ཐོབ་ཐང་ལག་འཁྱེར་ཨང་གྲངས།
ག་པ།(ཞོར་འབྲེལ་ཁག་ཐེག་བྱེད་མཁན)
ཐོབ་ཐང་ལག་འཁྱེར་ཨང་གྲངས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང་ལམ་ལུགས》གཏན་འབེབས་བཞིར་བཟུང་ཀ་པ་དང་ཁ་པ། ག་པ་ཕྱོགས་གསུམ་འདྲ་མཉམ། དྲང་འདེན། རང་མོས་ཕན་ཚུན་གཉིས་ཕན་བཅས་ཀྱི་ཐོག་ནས་གྲོས་མཐུན་བྱས་པ་བརྒྱུད་གཤམ་གསལ་གྱི་དངུལ་བུན་གཡར་བའི་གན་རྒྱ་འདི་བཞག་པ་ཡིན།
གཅིག། སྤྱི་ལོ་ ལོའི་ཟླ་བ་ ཚེས་ ཉིན་ཀ་པ་ཕྱོགས་ནས་ཁ་པར་མི་དམངས་ཤོག་སྒོར་ (ཡིག་ཆེན་ )གཡར་བ་ཡིན།
གཉིས། དངུལ་དེ་ཀ་པ་ཕྱོགས་ནས་སྤྱི་ལོ་ ལོའི་ཟླ་བ་ ཚེས་ ཉིན་དངུལ་མར་ཐོག་ནས་ཁ་པར་སྤྲོད་དགོས། དེ་བཞིན་ཉིན་དེའི་རིང་ཁ་པས་ཀ་པར་བྱུང་འཛིན་ཞིག་བྲིས་དགོས།
གསུམ། དངུལ་གཡར་བའི་དུས་ཡུན་ནི་སྤྱི་ལོ་ ལོའི་ཟླ་བ་ ཚེས་ ཉིན་ནས་སྤྱི་ལོ་ ལོའི་ཟླ་བ་ ཚེས་ ཉིན་བར་ཡིན། དངུལ་གཡར་བའི་དུས་ཡུན་ནང་གི་སྐྱེད་ཀ་དེ་རྒྱལ་ཡོངས་ཀྱི་དངུལ་ཁང་བར་ལས་རིགས་གཅིག་པའི་དངུལ་གཡར་རེས་བྱེད་པའི་ལྟེ་གནས་ནས་ཁྱབ་བསྒྲགས་བྱས་པའི་དངུལ་བུན་ཚོང་རའི་རིན་གོང་གི་སྐྱེད་ཚད་(LPR)ཀྱི་ཚད་གཞི་ལྟར་སྐྱེད་ཀ་སྤྲད་དགོས།
བཞི། ཁ་པ་ཡིས་སྤྱི་ལོ་ ལོའི་ཟླ་བ་ ཚེས་ ཉིན་སྔོན་ལ་ཀ་པ་ཕྱོགས་ལ་གཡར་བའི་དངུལ་བུན་དང་སྐྱེད་ཀ་གཉིས་འདེབས་སུ་སྤྲད་དགོས།
ལྔ། གལ་སྲིད་ཁ་པ་ཡིས་དུས་ཡུན་ཏག་ཏག་ཏུ་དངུལ་བུན་དང་སྐྱེད་ཀ་མ་སྤྲད་ཚེ་དངུལ་བུན་གཡར་བའི་དུས་ཡུན་ཡོལ་བ་ནས་བཟུང་རྒྱལ་ཡོངས་ཀྱི་དངུལ་ཁང་བར་ལས་རིགས་གཅིག་པའི་དངུལ་གཡར་རེས་བྱེད་པའི་ལྟེ་གནས་ནས་ ཁྱབ་བསྒྲགས་བྱས་པའི་དངུལ་བུན་ཚོང་རའི་རིན་གོང་གི་སྐྱེད་ཚད་(LPR)ཀྱི་ལྡབ་བཞི་ཡི་ཚད་གཞི་ལྟར་སྐྱེད་ཀ་སྤྲད་དགོས། དེ་བཞིན་གལ་ལྟེ་ཁ་པས་གན་རྒྱ་ལས་འགལ་བས་རྐྱེན་པས་གྱོད་དོན་དེ་ཁྲིམས་ཁང་ལ་གཏུག་གཤེར་འགྲོ་དགོས་ཚེ་ དེའི་འགྲོ་འགྲོན་ཚང་མ་ཁ་པ་ཕྱོགས་ནས་འགན་འཁུར་དགོས། འགྲོ་འགྲོན་དེའི་ནང་ཁྲིམས་རྩོད་པའི་དངུལ་དང་གཏུག་གཤེར་འགྲོ་དངུལ་ འགན་སྲུང་འགྲོ་དངུལ་སོགས་ཚང་མ་ཚུད་ཡོད།
དྲུག། ག་པ་ཡིས་གོང་གི་ཁ་པས་གཡར་བའི་དངུལ་བུན་དང་སྐྱེད་ཀ་ཚང་མ། དེ་བཞིན་གོང་གིས་བཤད་པའི་འགྲོ་འགྲོན་ཚང་མ་ལ་ཞོར་འབྲེལ་ཁག་ཐེག་བྱེད་དགོས།
བདུན། ག་པ་ཡིས་ཞོར་འབྲེལ་ཁག་ཐེག་བྱེད་པའི་དུས་ཡུན་ནི་ལོ་གཉིས་ཡིན།
བརྒྱད། གན་རྒྱ་དེ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཕན་ཚུན་མ་མཐུན་པ་བྱུང་ན། སྔོན་ལ་མཉམ་འགྲོས་བྱེད་རྒྱུད་དང་། མཉམ་འགྲོས་མ་བྱུང་ན་ཀ་པ་གནས་ཡུལ་གྱི་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་རྒྱུ་ཡིན།
དགུ། གན་རྒྱ་དེ་མ་ཡིག་ཁྱོན་བསྡོམས་གསུམ་ཡོད། ཀ་པ་དང་ཁ་པ་ ག་པ་ཕྱོགས་སོ་སོར་རེ་རེ་ཡོད། དེ་ཀ་པ་དང་ཁ་པ་ག་པ་ཕྱོགས་སོ་སོས་མིང་རྟགས་མཆན་བཀོད་དང་རྫུབ་ཐམ་རྒྱབ་རྗེས་ཁྲིམས་ལུགས་ཀྱི་ནུས་པ་ཐོན་ཡོད་ བདེར་བརྟེན་ཀ་པ་དང་ཁ་པ་ ག་པ་ཚང་མས་གན་རྒྱ་བཞིན་བརྩི་སྲུང་དང་ལག་བསྟར་བྱེད་དགོས།
ཀ་པ།
འབྲེལ་གཏུགས་ཁ་པར།
ཁ་པ།
འབྲེལ་གཏུགས་ཁ་པར།
ག་པ།
འབྲེལ་གཏུགས་ཁ་པར།
སྤྱི་ལོ་ ལོའི་ཟླ་བ་ ཚེས་ ཉིན།
གན་འཇོག་ས་གནས།
来源:北京市盈科江孜律师事务所
藏式骰子游戏sho军安卓版 8个月前0
怎么下载?热心市民 1年前0
(* ̄3)(ε ̄*)sj18189985819 1年前1
已下载